ཆུ་བཞི་སྒང་དྲུག་མཁར་དབང་།
༡༽ རྒྱ་གར་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་ དྲུག་ཁང་ཆེན་ནང་། འོག་ཐོག་ནས་ཐོག་བརྩེགས་དང་པོ་བར་ཚོང་ཁང་གྲངས་༧༡ དང་། ཐོག་བརྩེགས་གཉིས་པ་དང་གསུམ་པར་མགྲོན་ཁང་ཁང་མིག་༣༡ ཐོག་བརྩེགས་བཞི་པར་དབུས་ཡིག་ཚང་དང་། ལས་བྱེད་སྡོད་ཤག ཕྱེད་ཟ་ཁང་དང་ཐོག་ཁར་Roof sky ཟ་ཁང་གཉེར་མུས།
༢༽ བཞུགས་སྒར་རྡ་རམ་ས་ལའི་ཁྲོམ་སྲང་ལྟེ་བའི་ལམ་ཟུར་དུ་ཡོད་པའི་ཀེ་ལ་ཤ་གསོལ་མགྲོན་ཁང་༢༠༠༩ ལོར་སྤུས་གཟིགས་ཀྱིས་འཛིན་སྐྱོང་ཞུ་མུས་ཡོད་པ། སྐབས་༢༣ པའི་དབུས་རྒྱུན་ལས་ཡུན་རིང་ལེགས་བཅོས་ཀྱིས་བཞུགས་སྒར་ནས་བོད་པའི་ཟ་ཁང་ལེགས་ཤོས་སུ་ཆགས་ཐུབ་པ་བྱུང་ཡོད།
༣༽ ༡༩༦༤ ལོར་ཨ་རུ་ན་ཅལ་མངའ་སྡེ་བློན་ཆེན་མཆོག་གི་མཚན་ཐོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མི་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་སྐབས་ལྷོ་ལམ་གཙང་སེལ་གྱིས་རྒྱ་དམག་མཐའ་སྤྲོད་བཏང་པའི་ལེགས་གསོལ་དུ་འབུམ་སྡེ་ལའི་ཁྲོམ་སྲང་ལྟེ་བར་ཁང་ས་བསྩལ་སོན་བྱུང་པར། བར་ལམ་གློ་སྒྲིག་འཛིན་སྐྱོང་འོག་ཏུ་ཡོད་ཀྱང་། དབུས་རྒྱུན་སྐབས་༢༣ པའི་ངོས་ནས་འབད་བརྩོན་རིམ་པ་བྱས་ཏེ། ཁང་ས་དབུས་ཀྱི་མཚན་ཐོག་ཏུ་ལེན་ཐུབ་པ་བྱུང་ཞིང་། མགྲོན་ཁང་དེ་བཞིན་འབུམ་སྡེ་ལ་ཡན་ལག་སྨན་རྩིས་ཁང་ལ་བོགས་གཏོང་ཞུས་ཏེ་གཏོང་འཛིན་ཞུ་མུས་ཡིན།
༤ རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་གྲོང་སྡེ་གསུམ་པའི་འགྲམ་དུ་ཁང་ས་ཨེ་ཀ་གཉིས་དང་། གྲོང་སྡེ་དང་པོའི་ལམ་ཁར་ཨེ་ཀ་གཉིས་ཡོད།
༥ རྒྱ་གར་ལྷོ་ཕྱོགས་སྦེལ་ལ་ཀོབ་པེ་གྲོང་སྡེ་དང་པོའི་ཁད་ཉེ་མཚོ་འདབས་སུ་ཁང་ས་ཨེ་ཀ་གཅིག་ཡོད་པ་དེ་བཞིན་སོ་ནམ་སླད་གཞན་ལ་བོགས་གཏོང་ཞུས་ཡོད།
༦ རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཁོངས་སུ། དབུས་ཀྱི་འཛིན་སྐྱོང་འོག་རྒས་གསོ་ཁང་དང་། ཁང་ས་ཨེ་ཀ་གཉིས་ལྷག་ཡོད།