༢༠༠༡ ལོར་འགོ་འཛུགས་ཀྱིས་རྡ་སར་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་དབྱིན་སྐད་འཛིན་གྲྭ་གསར་འཛུགས་ཞུས་ཏེ། ལོ་ངོ་༢༥ རིང་དགེ་རྒན་གླ་ཡོན་ནར་གཏོང་ཐོག་ཆོལ་གསུམ་དབྱེར་མེད་འཛིན་གྲྭ་བཅར་མཁན་མི་གྲངས་༡༠༠༠ ལྷག་ལ་རིན་མེད་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་དང་། ༢༠༢༥ ལོར་རྒྱ་ཡིག་འཛིན་གྲྭ་གསར་འཛུགས་ཞུས་ཏེ་རྒྱ་དབྱིན་གཉིས་ཀྱི་འཛིན་གྲྭ་སྐྱོང་མུས་སུ་ཡོད།

